ཤ་རུས་གདུང་རྒྱུད་གཅིག་པའི་རང་སྡེའི་སྤུན་ཟླ་ལྷན་རྒྱས་དང་རྒྱལ་ནང་ས་ཕྱོགས་ཁག་གི་བོད་རིགས་སློབ་ཆེན་སློབ་མ་རྣམས་ལ།
དུས་རབས་ཉེར་གཅིག་ནི་ཆ་འཕྲིན་ལག་རྩལ་ཧ་ཅང་དར་བ་མ་ཟད་མི་རྣམས་ཀྱིས་ཆེད་རེ་འདོད་བྱེད་པ་ནི་ཚན་རྩལ་དང་གློག་ཀླད་དྲ་བའི་ཐོག་ནས་འཛམ་གླིང་གི་གནས་ཚུལ་དངོས་ཤེས་རྟོགས་བྱེད་པ་དེ་ལགས། དེས་ན་ང་ཚོ་བོད་མི་རིགས་ཀྱིས་འོད་སྟོང་འཕྲོ་བའི་མེས་པོའི་ཞབས་རྗེས་དེ་དག་ཀྱང་གློག་ཀླད་དང་དྲ་རྒྱའི་ཐོག་ནས་མི་རྣམས་ལ་སྟབས་བདེ་ཞིག་བསྐྲུན་པར་བྱེད། དེ་ཡང་ང་ཚོའི་གློག་རྡུལ་དཔེ་ཆ་བཟོ་བསྐྲུན་ཚོགས་པའི་རྩ་བའི་དམིགས་དོན་ནི་སྔར་བས་ལྷག་པར་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་གཅོ་བོར་འཛིན་ནས་སློབ་ཆེན་བོད་རིགས་སློབ་མ་རྣམས་ལ་ཡང་རང་ཉིད་ཀྱི་ཉམས་མྱོང་གསོག་འཇོག་དང་སྦྱོང་བརྡར་གྱི་ཚོགས་པ་ཞིག་ལགས།
༡ བོད་ཡིག་གི་དཔེ་ཆ་གང་མང་དྲ་རྒྱ་རྒྱུད་ནས་འཁྱབ་སྤེལ་དང་མཉམ་སྤྱོད་བྱ་རྒྱུ།
༢ བོད་སྐད་ཡིག་དེ་ཉིད་ཚན་རྩལ་ཅན་གྱི་ལམ་དུ་འདྲེན་པར་ཆེས་ཐོག་མའི་ཆ་རྐྱེན་ཏེ། གློག་ཀླད་དང་དྲ་རྒྱའི་ཐོག་རང་མི་རིགས་ཀྱི་ཡིག་རིགས་དེ་ཉིད་བདེ་མྱུར་དུ་གཏག་ཤེས་པ་དགོས་ཅིང་ལྷག་པར་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་དེ་ནི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཏུ་སེམས། དེར་བརྟེན་ལས་གྲྭ་འདིར་ཞུགས་པ་རྒྱུད་གངས་ཅན་གསར་བུ་གང་མང་མྱུར་དུ་རྩིས་འཁོར་དང་དྲ་རྒྱའི་ཐོག་བོད་ཡིག་བདེ་མྱུར་དུ་བེད་སྤྱོད་ཐུབ་པའི་རེ་བ་དང་བཅས་པ་གཉིས་སོ།
གལ་ཏེ་ཁྱེད་དང་མཐའ་འཁོར་གྱི་གྲོགས་པོ་ཚོར་གཤམ་གསལ་གྱི་ནུས་པ་ཡོད་ཚེ་ངེས་ཚོའི་ལས་གྲྭར་བཞུགས་རྒྱུར་དགའ་བསུ་ཞུ། །
༡ བོད་ཡིག་རྨང་གཞི་ཅུང་ལེགས་པ།༼ ལས་འགན་གཙོ་བོ་དཔེ་ཆ་ཟིན་བྲིས་དང་ཞིབ་བཅོས་མཁན། ༽
༢ photoshop ལ་སོགས་པར་རིས་སྒྲིག་བཟོའི་མཉེན་ཆས་བེད་སྤྱོད་ལ་མཁས་པ།༼ལས་འགན་གཙོ་བོ་དཔེ་ཆའི་ཕྱི་ཤོག་འཆར་བཀོད་ཡིན།༽
ཟུར་ཆན་དུ།
དཔེ་ཚོགས་སྒྲིག་བཟོའི་ཚོགས་པ་དེ་ནི་སློབ་ཆེན་སློབ་མ་དང་བླངས་པ་འབའ་ཞིག་གི་སྒྲུབ་ཅིང་དཔལ་འབྱོར་གྱི་ཁེ་ཕན་གང་ཡང་གཉེར་གྱི་མེད་ལ་དཔེ་ཆ་ཡང་རིན་མེད་དུ་དྲ་རྒྱའི་ཐོག་ནས་མཉམ་སྤྱོད་བྱེད། དེ་མིན་ལས་གྲྭར་བཞུགས་མཁན་གྱིས་དང་བླངས་པ་ཚོས་རང་ཉིད་ཀྱི་ལས་འགན་སྒྲུབ་རྗེས་ཚོགས་པ་ལས་ཁ་བྲལ་ཀྱང་མཆོག གལ་ཏེ་མུ་མཐུད་ངེད་ཚོའི་ལས་ཀར་རམ་འདེགས་དང་རོགས་རམ་བྱེད་པའི་ལྷག་བསམ་ཡོད་ཚེ་ངེད་ཚོགས་པས་ཁྱོད་ལ་སྙིང་དབུས་ནས་དགའ་བསུ་ཞུ། ། ། །
QQཚོགས་པ། 218052319 ༼ནང་དུ་བཞུགས་སྐབས་རང་མིང་དང་སློབ་གྲྭ་གསལ་པོར་འབྲི་རོགས། ཚོགས་མི་མིན་པའི་འབྲེལ་མེད་མི་སྣ་གང་བྱུང་དུ་བཞུགས་མི་ཆོག༽

གློག་རྡུལ་ཡིག་སྒམ། |
|