བོད་ཡིག་ཡིག་གཟུགས་ཀྱི་ལོ་རྒྱུས་མདོར་བསྡུས།
༼རི་འབུར་ངག་དབང་རྒྱ་མཚོ།༽
སྤྱིར་ན་ཡིག་གཟུགས་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་ཞེ་ན། དེ་ནི་སྐད་ཀྱི་སྒྲ་གདངས་མཚོན་པར་བྱེད་པའི་རི་མོ་དེ་ལ་ཟེར། ང་ཚོས་དེང་སང་བེད་སྤྱོད་བཞིན་པའི་བོད་ཡིག་གི་ཡིག་གཟུགས་ལ་དབུ་ཅན་དང་། དབུ་མེད་གཉིས་ཀྱི་དབྱེ་བ་ཡོད།
དང་པོ། ཡིག་གཟུགས་དེ་གཉིས་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་ཐོན་མི་སམ་བྷོ་ཊས་སྲོལ་གཏོད་མཛད་པར་བཞེད་ཅིང་། དེ་ཡང་སྤྱི་ལོའི་དུས་རབས་བདུན་པ་ཙམ་ཏེ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་གྲོགས་ཀྱི་འགྲོ་འོང་མང་བ། དེ་དག་བར་ཚོང་ལས་དང་། ཕྱི་འབྲེལ། དཔལ་འབྱོར། དེ་བཞིན་འཕྲིན་ཡིག་དང་སྐྱེས་འབུལ་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བྱེད་དགོས་པ་མ་ཟད། སྤྱི་ཚོགས་དང་ཐོན་སྐྱེད་གོང་དུ་དགོས་གལ་ཆེ་བར་དགོངས་ཏེ་སྲོང་བཙན་སྒམ་པོས་འཕྲུལ་བློན་བཅུ་དྲུག་རྒྱ་གར་དུ་བརྫངས། ཁོང་རྣམ་པས་བྲམ་ཟེ་ལི་བྱིན་སོགས་ལ་བརྟེན་ནས་ཡིག་རིས་མང་པོར་སྦྱངས་པས་མཐར་སོན། དེར་ཕྱི་རྒྱལ་གྱི་མཁས་པ་དང་། རྒྱ་གར་གྱི་པནྜི་ཏ་མང་པོས་ཐོན་མི་ལ“སམ་བྷོ་ཊ”༼བོད་པ་བཟང་པོའི་དོན༽ཞེས་བསྟོད་བསྔགས་མཛད་པ་རེད། དེ་ནས་ཐོན་མི་བོད་དུ་ཕེབས་རྗེས་ལཉྫ་དང་། ཝརྟུ་ལ་དཔེར་མཛད་ནས་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་འདི་བྱུང་བ་རེད།
གཉིས་པ། བོད་ཡིག་གི་ཡིག་གཟུགས་ལ་འགྱུར་བ་གང་འདྲ་བྱུང་ཚུལ།
ཐོག་མར་བཙན་པོ་སྲོང་སྒམ་པོའི་དུས་ཀྱི་ཡིག་གཟུགས་ཁག་གཅིག་ལྷ་སའི་ཤར་རྒྱུད་འཇན་ཁོག་སྣང་ལྷ་ཁང་(ད་ལྟ་སྟག་རྩེ་རྫོང་ཁོངས་བཙུན་མོ་ཚལ་དགོན་པ)གི་བྲག་ལྡེབས་སུ་བརྐོས་ཡོད་པ་དེའི་ནང་དོན་ནི་ཐོན་མིས་བཙན་པོ་སྲོང་བཙན་སྒམ་པོར་བསྟོད་པ་ཕུལ་བའི་སྙན་ཚིག་གི་ཡིག་ཕུད་དེ་ཡིན་ཞིང་། དེའི་ཡིག་གཟུགས་ནི་“སྦལ་ནག་ན་ལ་བགྲད་འདྲ”ཞེས་གྲགས་པ་དེ་ཡིན་ནོ། །
དེའི་རྗེས་སུ་བཙན་པོ་སྲོང་བཙན་སྒམ་པོའི་སྲས་བཙན་པོ་མང་སྲོང་མང་བཙན་གྱི་དུས་ཡིག་གཟུགས་ལ་མཁས་པ་ཆ་ངར་རིན་ཆེན་འབར་ཞེས་པས་བྲིས་པའི་ཡིག་གཟུགས་ལ་“སོ་ཕག་གཤིབ་འདྲ” ཟེར།
དེའི་རྗེས་སུ་བཙུན་པོ་འདུས་སྲོང་མང་པོ་རྗེའི་དུས་སུ་ཡིག་གཟུགས་མཁས་པ་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་“བྱ་ཕོ་འཇོས་བ་འདྲ་བ”ཟེར།
དེའི་རྗེས་སུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་ཡིག་གཟུགས་མཁས་པ་དགེ་བསྙེན་དཀོན་མཆོག་དབང་ཟེར་བས་བྲིས་པའི་ཡིག་གཟུགས་ལ་“ནས་སྔོན་པོ་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ་བ”ཟེར།
དེའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་གཟུགས་མཁས་པ་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ཐོག་བརྐོས་པའི་ཡིག་གཟུགས་ལ་“མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ”ཟེར།
དེའི་རྗེས་སུ་བཙན་པོ་མུ་ནེ་བཙན་པོའི་དུས་སུ་ཡིག་གཟུགས་མཁས་པ་ཚེ་སྤོང་བྱང་ཆུབ་ཟེར་བས་བྲིས་པའི་གཟུགས་ལ་“སྦུར་ནག་བགྲད་པ་འདྲ་བ”ཟེར།
དེའི་རྗེས་སུ་བཙན་པོ་མུ་ཏིག་བཙན་པོའི་དུས་སུ་ཡིག་གཟུགས་མཁས་པ་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པའི་ཡིག་གཟུགས་ལ“ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ”ཟེར།
དེའི་རྗེས་སུ་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ཡིག་གཟུགས་མཁས་པ་གྲ་ཤོད་རྣམ་གཉིས་ཟེར་བས་བྲིས་པའི་ཡིག་གཟུགས་ལ་“སེང་གེ་གནམ་དུ་མཆོངས་པ་འདྲ་བ”ཟེར།
དེ་ནས་དུས་རབས་དགུ་པའི་དཀྱིལ་ཙམ་ནས་དུས་རབས་བཅུ་པའི་མཇུག་བར་ལོ་མང་པོའི་རིང་ལ་ཡིག་གཟུགས་མཁས་པ་འདི་བྱུང་ངོ་ཞེས་ལོ་རྒྱུས་ཐོག་མི་གསལ་ཞིང་། དུས་རབས་བཅུ་པའི་མཇུག་ཏུ་སྟོད་མངའ་རིས་དང་། མཚོ་སྔོན་བརྒྱུད་ནས་ནང་པ་སངས་རྒྱས་པའི་མཇུག་ཏུ་སྟོད་མངའ་རིས་དང་། མཚོ་སྔོན་བརྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་བསྐྱར་གསོ་འབྱུང་སྐབས་ཡིག་གཟུགས་མཁས་པ་སྒྲོ་གཉའ་ཁྲི་ཟེར་བས་སྔར་གྱི་རྡོ་རིང་གི་ཡི་གེ་ལ་དཔེ་བྱས་ནས་ཡིག་གཟུགས་ལེགས་བཅོས་མཛད་པ་དེ་ལ་“བར་གསར”ཟེར།
དེའི་རྗེས་སུ་རིམ་བཞིན་ཡིག་གཟུགས་མཁས་པ་ཤཱཀྱ་རྡོ་རྗེ། ཁྱུང་པོ་གཡུ་ཁྲི། སྣ་ནམ་ཞང་བཙུན། སུམ་པ་གནོད་སྦྱིན་སོགས་བྱུང་བ་མ་ཟད། ལྷག་པར་དུ་ཁྱུང་པོ་གཡུ་ཁྲི་བྱ་བའི་མཁས་པ་ཆེན་པོ་རོང་པོ་ཟེར་བ་སོགས་བྱུང་ངོ། །
གསུམ་པ། བོད་ཡིག་གི་ཡིག་གཟུགས་གཉིས་ཚད་ལྡན་དུ་གྱུར་པའི་སྐོར། དུས་རབས་དགུ་པའི་འགོར་མཁས་པ་ཆེན་པོ་ཁྱུང་པི་གཡུ་ཁྲིས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་ཡིག་གཟུགས་ལ་དཔེ་མཛད་ནས་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ཐིག་རིས་ཐོག་མར་གཏན་ལ་ཕབ་ཅིང་། དེའི་ཡང་སློབ་མཁས་པ་ཆེན་པོ་རོང་པོས་“ཡི་གེའི་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ”ཞེས་པའི་གཞུང་བརྩམས་ནས་དབུ་ཅན་གྱི་ཡིག་གཟུགས་ཚད་ལྡན་དུ་བསྒྱུར་བར་མཛད། དེའི་རྗེས་དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཀའ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ་1687ལོར་“ཐིག་རིས་རིན་ཆེན་སྒྲོམ་བུའི”འགྲེལ་བཤས་བརྩམས་ནས་སླར་ཡང་དབུ་ཅན་ཚད་ལྡན་དུ་གཏན་ཁེལ་མཛད་པ་རེད།
བོད་ཡིག་དབུ་མེད་(འབྲུ་མ་ཡང་ཟེར)ཀྱི་ཡིག་གཟུགས་ལ“ལི་ལུགས”དང་“ལྡན་ལུགས”གཉིས་ཡོད་པ་ལས་“ལི་ལུགས”ཀྱི་ལག་རྒྱུན་དེང་སང་མི་སྣང་།“ལྡན་ལུགས”ནི་དེང་སང་ང་ཚོས་བཀོལ་བའི་ལག་རྒྱུན་འདི་རང་ཡིན། དེ་ཡང་ཐོག་མར་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་མཁས་པ་ལྡན་མ་རྩེ་མངས་བྱ་བ་དེའི་ལག་རྒྱུན་ཡིན། རྗེས་སུ་ཡིག་མཁན་སོ་སོའི་ལག་རྒྱུན་འདྲ་མིན་གྱིས་ཡིག་གཟུགས་གཏན་ཁེལ་མེད་པར་གྱུར་པར་བརྟེན་དུས་རབས་བཅོ་ལྔ་པའི་འགོར་རྒྱལ་རྩེ་སྡེ་པ་རབ་བརྟན་ཀུན་བཟང་འཕགས་པས་གནའ་རབས་ལྡན་ལུགས་ཀྱི་ཡིག་གཟུགས་མཁས་པ་མང་པོའི་དཔེ་རིས་བསྡུས་ཏེ་དེའི་ནང་ནས་ཡིག་གཟུགས་མཁས་པ་མང་པོའི་དཔེ་རིས་བསྡུས་ཏེ་དེའི་ནང་ནས་ཡིག་གཟུགས་ལེགས་ཤོས་ཤིག་ལ་དཔེ་བྱས་ཏེ་དབུ་མེད་ཀྱི་ཐེག་རིས་དང་ཐིག་བཤས་བརྩམས་ཤིང་། དེའི་འགྲེལ་བཤད་དེ་ཡང་གོང་གསལ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་ཏེ་དབུ་མེད་ཀྱི་ཡིག་གཟུགས་ཚད་ལྡན་ཅན་ཞིག་ཏུ་བསྒྱུར་བར་མཛད།
གོང་གསལ་བོད་ཡིག་གི་ཡིག་གཟུགས་དབུ་ཅན་དང་། དབུ་མེད་གཉིས་ཀྱི་ཐིག་ཚད་དང་། ཡིག་གཟུགས་ཆབས་ཅིག་ཏུ་བཀོད་པའི་དཔེ་རིས་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་དུ་ཤིང་དཔར་བརྐོས་པ་དེ་རེད། ཤིང་དཔར་དེ་ནི་ལོ་ངོ་བརྒྱ་ཕྲག་མང་པོ་སོང་ཡང་བོད་ཡིག་གི་ཡིག་གཟུགས་བཟོ་དབྱིབས་འགྱུར་ལྡོག་གཏན་ནས་བྱུང་མེད་པའི་དཔེ་རིས་ཧ་ཅང་ཡག་པོ་ཞིག་རེད། ད་ལྟ་དཔེ་རིས་དེ་པེ་ཅིན་མི་རིགས་ཕོ་བྲང་གི་དཔེ་མཛོད་ཁང་དུ་བདག་གཉེར་བྱས་ཡོད་སྐད་འདུག