PSནང་བོད་ཡིག་བརྩེགས་འདོགས་གྱི་དཀའ་གནད་ཐག་བཅོད་བྱེད་ཐབས།
བཀྲ་རྡོར་ནས།
Adobeསྤྱི་གཉེར་ཁང་གི་བཟོ་སྐྲུན་བྱས་པའི་པར་རིས་སྒྲིག་བཟོའི་མཉེན་ཆས་photoshop csནི་སྤྱོད་གོ་ཤིན་ཏུ་ཆེ་བའི་མཉེན་ཆས་སྤུས་ལེགས་ཞིག་ཡིན། འོན་ཏེ་དེའི་ནང་དུ་Unicodeཨང་སྒྲིག་གི་བོད་ཡིག་གཏག་སྐབས་བརྩེགས་འདོགས་ཀྱི་ཡི་གེ་ལེགས་པར་འཆར་ཐུབ་ཀྱི་མེད། དེར་བསྟེན་འདི་ན་ཐབས་ཤེས་སྟབས་བདེ་ཞིག་གླེང་བར་བྱ།
ཐོག་མར་ཁྱེད་ཀྱི་wold-ready-photoshop.psdཞེས་པའི་ཡིག་ཆ་དེ་ཕབ་ལེན་བྱས་རྗེས་གཤམ་གྱི་རེ་མོ་ལྟར་གནང་བར་བཞུ།
༡སྒྲིག་བཟོ་བྱེད་པའི་པར་རིས་དང་wold-ready-photoshop.psdཞེས་པའི་པར་རིས་ཡིག་ཆ་གཉིས་psམཉེན་ཆས་ནང་ཁ་ཕྱེ་བ།

༢དཔེར་ན།
དེའི་སྐབས་ཁྱེད་ཀྱི་མཐོང་བསལ་ལྟར་བརྩེགས་འདོགས་ཅན་གྱི་ཡི་གེ་༼ སྒྲིག ༽ཞེས་པ་དེ་ལེགས་པར་འཆར་ཐུབ་མེད།
༣ དེ་ན་ཁྱེད་ནས་གོང་དུ་ཁྱེད་ཀྱི་འཕབ་ལེན་བྱས་པའི་ཞེས་པའི་ཡིག་ཆ་wold-ready-photoshop.psdདེ་ཁ་ཕྱེད་གནང་རོགས།
༣ དེ་ན་ཁྱེད་ནས་གོང་དུ་ཁྱེད་ཀྱི་འཕབ་ལེན་བྱས་པའི་ཞེས་པའི་ཡིག་ཆ་wold-ready-photoshop.psdདེ་ཁ་ཕྱེད་གནང་རོགས།
དེའི་སྐབས་psནང་དུ་པར་གཞི་འདི་འཆར་ངེས།
༤དེས་ནས་ཁྱེད་ཀྱི་སྒྲིག་བཟོ་བྱེད་པའི་པར་གཞི་ནང་དུ་བཀོད་རྒྱུའི་ཡི་གེ་དེ་ཡིག་ཆ་དེའི་ནང་དུ་བཀོད་ན་བོད་ཡིག་དེ་ལེགས་པར་ཆར་ཐུབ་པ་གཤམ་གྱི་པར་རིས་ལྟར།
༤དེས་ནས་ཁྱེད་ཀྱི་སྒྲིག་བཟོ་བྱེད་པའི་པར་གཞི་ནང་དུ་བཀོད་རྒྱུའི་ཡི་གེ་དེ་ཡིག་ཆ་དེའི་ནང་དུ་བཀོད་ན་བོད་ཡིག་དེ་ལེགས་པར་ཆར་ཐུབ་པ་གཤམ་གྱི་པར་རིས་ལྟར།
༥དེ་ནས་ཁྱེད་ཀྱི་གཤམ་གྱི་གོ་རིམ་ལྟར་བེད་སྤྱོད་གནང་རོགས།
༼༡༽ཐོག་མར་བཀོད་པའི་ལེགས་པར་འཆར་མི་ཐུབ་པའི་ཡི་གེ་༼སྒྲིག་བཟོ་བྱ་ཐབས།༽ཞེས་པ་དེ་སུབ། ༼༢༽(粘贴)ཞེས་པ་དེ་འདེམས།
དེ་ལྟར་བརྩེགས་འདོགས་ཅན་གྱི་ཡི་གེ་༼སྒྲིག་༽ཞེས་པ་དེ་ལེགས་པར་འཆར་ཐུབ་པའི་ནུས་པ་བྱུང་ཡོད། །